གངས་ཀྱི་འོད་མདང་འཚེར་བའི་འདབས་རོལ་ན།སྤང་གི་ནེམ་ཤ་བརྡལ་བའི་ཡང་སྟེང་ན།སྣང་བའི་ཨ་ལོང་བརྒྱས་པའི་སྙིང་ཆུང་གཉིས།མཛའ་བའི་མེ་ཏོག་ཐངས་ལ་ཡན་པའི་དུས།གཡང་གི་སྡེ་ཆེན་རྒྱན་དུ་ཤར་བའི་དུས།ཡ། ཤར་བའི་དུས།ཨ་ཧ་ཧོ། ལས་ཀྱི་བང་ཆེན་ཐོན་ནས།ཨ་ཧ་ཧོ། སྙིང་ལ་བྲིས་པའི་དམ་ཚིགཚེ་འདིར་སྨིན་ཐབས་མ་བྱུང་།ཀྱེ་མ་ཀྱི་ཧུད། ཀྱེ་མ་ཀྱི་ཧུད།ཧ། ང་དང་བྱམས་པའི་ལས་ལ།ཐུགས་རྗེ་གཟིགས་མཁན་ཨེ་ཡོད།ལུ་གུའི་འབའ་སྒྲ་མཆེད་པའི་རི་ལུང་ན།རྫི་གླུའི་དབྱངས་རྟ་འཕུར་བའི་རྟ་གོང་ན།དྲན་པའི་གདུང་བ་ཉར་བའི་སེམས་པ་གཉིས།ཉིན་གྱི་གར་སོང་ས་ནས་འཚོལ་བའི་དུས།མཚན་གྱི་རྨི་ལམ་འོག་ནས་འབོད་པའི་དུས།ཡ། འབོད་པའི་དུས།ཨ་ཧ་ཧོ། ལས་ཀྱི་བང་ཆེན་ཐོན་ནས།ཨ་ཧ་ཧོ། སྙིང་ལ་བྲིས་པའི་དམ་ཚིགཚེ་འདིར་སྨིན་ཐབས་མ་བྱུང་།ཀྱེ་མ་ཀྱི་ཧུད། ཀྱེ་མ་ཀྱི་ཧུད།ཧ། ང་དང་བྱམས་པའི་ལས་ལ།ཐུགས་རྗེ་གཟིགས་མཁན་ཨེ་ཡོད།ཨ་ཧ་ཧོ། ལས་ཀྱི་བང་ཆེན་ཐོན་ནས།ཨ་ཧ་ཧོ། སྙིང་ལ་བྲིས་པའི་དམ་ཚིགཚེ་འདིར་སྨིན་ཐབས་མ་བྱུང་།ཚེ་འདིར་སྨིན་ཐབས་མ་བྱུང་།
TAGS 央金兰泽
您可以在 登录 or 注册 后,对此帖发表评论!